“Losar, for me, is a pleasant reminder that I’ve lived one more year successfully. I come from a fairly poor family, so when I was younger, losar was that one day we got to eat special food. We would get together as a family to celebrate and enjoy delicious rice and meat. Then we would have an archery match with the rest of the village. People came to watch the match and to offer food and refreshments. It was a grand affair, complete with many songs and dances. All together, it created a sense of celebration amidst the mundane and tough everyday life. At the end of the day, we would go around the village and experience a whole different level of kindness – people would share with everyone what they have saved for for months.

In recent years, we come together as a family and go for picnics. I’d sometimes join my friends for a match of khuru. Here in Thimphu, losar often ends up becoming a normal holiday that starts late in the morning. I believe it is celebrated more meaningfully back in the village than in the city. There, I feel the significance of this event to a much greater extent. In the villages, it is also an occasion to enjoy the harvest from the previous year and prepare for another year of cultivation. Although we do sometimes miss out on celebrating with the same zeal as we did when we were kids, today is a new beginning, a moment to renew hope for life and to be grateful for the year we’ve had. Losar Tashi Delek!”

༉ ང་གིས་འབད་བ་ཅིན་ལོ་གསར་ཟེར་མི་འདི་ ལོ་གཅིག་གི་རིང་ལུ་ཉམས་དགའ་བའི་ དགའ་སྤྲོ་དྲན་སྐུལ་འབད་མི་ཅིག་ཨིན་པས། བུཚ་རང་ཡང་ཕམ་ཉམས་ཆུང་ལས་ སྦོམ་པའི་བུ་གཞི་ཅིག་ཨིནམ་ལས་ ལོ་ན་ཆུང་ཀུ་འབད་སྡོད་པའི་སྐབས་ བཞེས་སྒོ་ལེགས་ཤོམ་ བཟའ་ནིའི་ གོ་སྐབས་ལོ་གསར་གྱི་ཉིནམ་ལུ་རྐྱངམ་ཅིག་ཨིན། ཉིནམ་འདི་ཁར་དགའ་བ་དང་ སྤྲོ་བ་གི་ཐོག་ལས་བཟའ་ཚང་དང་ཅིག་ ཁར་ལྟོ་དང་སྤགས་བསྐྱེད་དེ་བརྩི་སྲུང་ཞུ་སྲོལ་ཡོད། ལྷག་པར་དུ་ གཡུས་ཚན་དང་གཡུས་ཚན་གྱི་བར་ན་ མདའ་རྩེད་ཀྱི་འགྲན་བསྡུར་ འབདཝ་མ་ཚད་ ཉིན་མ་གཡུས་ཚན་འདི་ནང་གི་མི་སེར་ཚུ་འོང་ཞིནམ་ལས་ལྟོདམོ་ལྟ་ དེ་ལས་མདའ་རྩེདཔ་ཚུ་ལུ་བསིལ་འཐུང་དང་ཁ་ ཟས་འབྱིན་ཞིནམ་ལས་ དགའ་བའི་གླུ་འཐེན་སྐྱིད་པའི་བྲོ་འཁྲབ་ཨིན། འདི་གི་ཕྱི་རུ་མདའ་རྩེདཔ་ང་བཅས་ཚུ་ གཡུས་ཚན་ནང་གི་ཁྱིམ་ ཡོད་ཚདཔ་ཅིག་ནང་འགྱོ་བའི་སྐབས་ ཁོང་ཚུ་གི་ཟླ་ངོ་གཅིག་གི་རིང་ལུ་བསགས་བཞག་པའི་ ཟས་ནོར་ཚུ་བགོ་བཤའ་སྐྱབས་ཏེ་འབྱིན་ ནི་ཡོད། སྐབས་ཅིག་ལས་ ལོ་གསར་གྱི་ཉིནམ་ལུ་ང་རའི་བཟའ་ཚང་དང་ཅིག་ཁར་ མཛར་ཅུམ་བཟའ་བར་འགྱོ་ནི་ཡོདཔ་མ་ཚད་ འཕྲལ་འཕྲལ་ལྟོ་ཚང་མཉམ་ཁུ་རུའི་ འགྲན་བསྡུར་ཡང་སྐྱབས་ནི་ཡོད། ཐིམ་ཕུག་ལུ་འབད་བ་ཅིན་ལོ་གསར་འདི་ དུས་རྒྱུན་གྱི་ངལ་གསོ་ དང་དབྱེ་བ་མིན་འདུག། ང་གིས་འབད་བ་ཅིན་ ལོ་གསར་གྱི་ཉིནམ་དོན་ཡོདཔ་སྦེ་བརྩི་སྲུང་ཞུ་ནི་འདི་ ཁྲོམ་ཁར་མེན་པར་ལོག་ལྟབ་ཀྱི་ གཡུས་ཁར་དྲགཔ་མ་ཚད་ དམིགས་བསལ་དུ་ལོ་གསར་གྱི་རྒྱུ་མཚན་ཧ་གོ་ཚུགས་པས། འདི་མ་ཚད་གཡུས་ཚན་ཚུ་ནང་འབད་བ་ཅིན་ ལོ་གསར་འདི་ཧེ་མའི་ལོ་གི་ ལོ་ཐོག་ཚུ་བསྡུ་ལེན་འབད་ཚ་སྟེ་ ཟས་ནོར་ལོངས་སྤྱོད་སྤྱོད་པའི་དུས་དང་ མ་འོངས་སང་ཕོད་ཀྱི་དོན་ལུ་ ཞིང་ལཱ་གྲ་སྒྲིག་འབད་ནིའི་དགའ་སྟོན་ཨིན་མས། མཇུག་རང་ང་བཅས་ཚུ་གིས་ལོ་གསར་འདི་ རྒྱུན་མ་ཆད་པར་བརྩི་སྲུང་ཞུ་མ་ཚུགས་རུང་ ད་རིས་ ལོ་གསར་གྱི་ཉིནམ་ལུ་བསམ་པའི་རེ་བ་གོང་དུ་འཕེལ་བའི་རེ་སྨོན་ཞུ།།
ལོ་གསར་བཀྲིས་བདེ་ལེགས།

Loading

Read More Stories

“It was right after I completed my 12 grade examinations that I got into photography. Two of my good friends

“It has been more than a year since I have been working here. My cousin asked for help when he

“My dancing journey started when I was in high school. I started dancing with my friends and after I completed

“I recently graduated college and completed my Bachelors in Engineering in Power Engineering and I am currently looking for a